Tibetan Lesson Plan
ཟླ་ཚེས། ༢༠༡༧/༡༠/༡༨ དུས་ཡུན་ཆུ་ཚོད། ༡ ཉིན། ༣ སློབ་ཚན། དགག་སྒྲ། འཛིན་གྲྭ། ༧
སྤྱིར་དམིགས་ཡུལ།
སློབ་མ་རྣམས་ཀྱིས་དགག་སྒྲ་ཤེས་པའི་བརྒྱུད་རིམ་ནས་བོད་ཀྱི་སྐད་ཡིག་གི་གནས་ཚད་མཐོར་འདེགས་ཡོང་བར་བྱ་རྒྱུ།
བྱེ་བྲག་དམིགས་ཡུལ།
$1ü སྤྱིར་དགག་སྒྲའི་གོ་དོན་ངོ་འཕྲོད་པ་བྱ་རྒྱུ།
$1ü མ་མི་མིན་མེད་ཕྲད་བཞི་པོ་མིང་གི་ཐོག་མཐའ་བར་གསུམ་དུ་འཇུག་ཚུལ་གསལ་བར་ངོ་འཕྲོད་པར་བྱ་རྒྱུ།
$1ü མ་མི་མིན་མེད་མིང་ཚིག་ལ་འཇུག་པ་ཤེས་པ་བྱ་རྒྱུ།
$1ü དཔེར་བརྗོད་ཀྱི་ཐོག་ནས་དགག་བྱ་དང་འགོག་བྱེད་ངོ་འཕྲོད་པ་བྱ་རྒྱུ།
$1ü སློབ་མ་རེ་རེ་བཞིན་དགག་སྒྲའི་ཕྲད་མ་ནོར་བར་སྦྱོར་ཚུལ་ཤེས་པ་བྱ་རྒྱུ།
རྟོག་ཞིབ། ༼སྐར་མ། ༤༽
$1ü སློབ་མ་རྣམས་ཀྱིས་དགག་སྒྲའི་ཕྲད་སྦྱོར་ཚུལ་ཤེས་མིན་རྟོག་ཞིབ་ཆེད་“ མི་ཡུལ་དུ་སྐྱིད་པོ་མི་འདུག”ཅེས་ཤོག་བྱང་སྟེང་དུ་བྲིས་པའི་མི༵་ཡིག་དགག་སྒྲའི་ཕྲད་ཡིན་མིན་རྒྱུ་མཚན་དང་བཅས་ངོས་འཛིན་བྱེད་དུ་བཅུག་རྒྱུ།
$1ü སློབ་མ་རྣམས་ཀྱིས་དགག་སྒྲའི་གོ་དོན་ཤེས་མིན་རྟོག་ཞིབ་ཆེད་“དགག་སྒྲ་ཟེར་ན་གང་ཡིན་ནམ།”ཞེས་སློབ་མརིག་པ་རབ་འབྲིང་མཐའ་གསུམ་ལ་དྲི་བ་དྲིས་ཏེ་སློབ་མའི་ཤེས་ཚད་རྒྱུས་ལོན་བྱ་རྒྱུ།
མྱོང་བ།
$1Ø ཐོག་མར་མངོན་བརྗོད་རྩ་བ་ཀློག་འདོན་བྱ་རྒྱུ།
$1Ø སློབ་མ་རྣམས་དུས་ཡུན་སྐར་མ་གཅིག་རིང་ལུས་ངག་ཡིད་གསུམ་གྱི་བྱེད་མི་རུང་བའི་གནད་དོན་གསུམ་ཐོག་སྒོམ་བསྐྱོན་བཅུག་རྒྱུ། ༼སྐར་མ། ༡༽
$1Ø སློབ་ཚན་གྱི་སྔོན་གླེང་དང་སྦྲགས་འཆད་ཁྲིད་གཙོ་བཟུང་ཐོག་དགེ་རྒན་གྱིས་སློབ་འཁྲིད་འགྲེལ་བརྗོད་བྱ་རྒྱུ་ཡིན། ༼སྐར་མ། ༡༥༽
༡) གོ་དོན། མ་མི་མིན་མེད་བཞི་དགག་བྱའི་ཐོག་མཐའ་གང་རུང་ཞིག་ཏུ་སྦྱར་བའི་མ་ཡིན་སོགས་དོན་དེ་འགོག་པ་ཞིག་ལ་ཟེར། (ནག་པང་སྟེང་ནས་འགྲེལ་བརྗོད་བྱ་རྒྱུ།) ༢) ཕྲད། མ། མི། མིན། མེད། (ནག་པང་སྟེང་ནས་འགྲེལ་བརྗོད་བྱ་རྒྱུ།)༣) སྦྱོར་ཚུལ། མ་མི་གཉིས་མིང་གི་ཐོག་མ་དང་མིན་མེད་གཉིས་མིང་གི་མཇུག་ཏུ་སྦྱོར་དགོས་པ་ཡིན། མ་ཡིག་བར་གྱི་གསལ་བྱེད་
ལ་འཇུག་པ་ཡང་ཡོད།(ཤོག་བྱང་སྟེང་ནས་འགྲེལ་བརྗོད་བྱ་རྒྱུ། )
༤) དཔེར་བརྗོད། མ༵། མ༵་རེད། མི༵ན། འབྲོག་པ་མི༵ན།
མི༵། མི༵་འདུག མེ༵ད། དངུལ་མེ༵ད། མ༵། ར་མ༵་ལུག (ཤོག་བྱང་སྟེང་ནས་འགྲེལ་བརྗོད་བྱ་རྒྱུ། )༥) ལྗོན་དབང་རྩ་བ།
མ་མི་མིན་མེད་དགག་སྒྲ་སྟེ། ། མ་མི་ཐོག་མ་མིན་མེད་མཇུག ། མ་ནི་བར་གྱི་གསལ་བྱེད་ལའང་། ། (སློབ་དེབ་སྟེང་ནས་འགྲེལ་བརྗོད་བྱ་རྒྱུ། ) ༦) མ་མི་གཉིས་མིང་གི་ཆ་ཤས་ལ་འཇུག་པ། ཨ་མ༵། རྫ་མ༵། མི༵་རིགས། མི༵་ཡུལ། (སློབ་དེབ་སྟེང་ནས་འགྲེལ་བརྗོད་བྱ་རྒྱུ། )$1Ø སྡེ་ཚན་ཆ་བགོས་ཀྱིས་གཤམ་གྱི་དུམ་མཚམས་དང་བཀའ་སློབ་སྙིང་གི་ནོར་བུ་བཀླགས་ནས་དགག་སྒྲའི་ཕྲད་དང་མིང་ཚིག་སོ་སོར་ངོས་བཟུང་སྟེ་དོན་གང་ཞིག་བཀག་མིན་གྲོས་བསྡུར་གྱིས་འགྲེལ་བརྗོད་བྱེད་བཅུག་རྒྱུ་ཡིན། ༼སྐར་མ། ༣༠༽
$1Ø སྡེ་ཚན་སོ་སོས་འགྲེལ་བརྗོད་བྱས་པ་སོགས་ལ་དགེ་རྒན་གྱིས་ལམ་སྟོན་བྱ་རྒྱུ། ༼སྐར་མ། ༥༽
༡༽ དུམ་མཚམས།
ཨ་མ༵་ལགས་ལ་དངུལ་མང་པོ་མེ༵ད་ཙང་ཚོང་པ་མི༵་དེའི་སར་རྫ་མ༵་བཟོ་ཡ་སོགས་ཕྱག་ལས་གནང་དུ་མི༵་ཕེབས་ཐབས་མེ༵ད་རེད།ཁོང་གིས་ཉིན་མཚན་མེ༵ད་པར་ཤི་མ༵་གསོན་གྱི་སྐུ་ལས་བསྐྱོན་ཀྱང་སྡུག་ཡུས་ནམ་ཡང་གསུངས་མ༵་མྱོང་།བྱས་ཙང་སློབ་ཕྲུག་ང་ཚོས་ཨ་མ༵ས་སྐུ་ལས་བསྐྱོན་པ་རྣམས་ནམ་ཡང་ཆུད་ཟོས་སུ་གཏོང་གི་མི༵ན་བསམས་པའི་ཐོག་ནས་སློབ་ལ་འབད་བརྩོན་བྱེད་གལ་ཤིན་ཏུ་ཆེའོ།
༢༽ བཀའ་སློབ་སྙིང་གི་ནོར་བུ།
$1Ø སྡེ་ཚན་ཆ་བགོས་ཀྱིས་གོང་གསལ་དུམ་མཚམས་དང་བཀའ་སློབ་སྙིང་གི་ནོར་བུ་བཅས་ཀྱི་ནང་གསལ་མ་མི་སོགས་དགག་སྒྲའི་ཕྲད་ཡིན་མིན་སྐོར་གོ་བསྡུར་བྱེད་དུ་བཅུག་རྒྱུ་དང་། སྡེ་ཚན་གསུམ་ལ་དུམ་མཚམས་ནང་གསལ་མ་མི་སོགས་དགག་སྒྲའི་ཕྲད་ཡིན་མིན་རྒྱུ་མཚན་དང་བཅས་འགྲེལ་བརྗོད་བྱེད་དུ་བཅུག་རྒྱུ། (སྡེ་ཚན་ཆ་བགོས་རྣམས་ལ་གོང་གི་དུམ་མཚམས་གཅིག་མཚུངས་ཕུལ་བར་བརྟེན་སྡེ་ཚན་སོ་སོས་དུམ་མཚམས་ཅན་གྱི་ཤོག་བུར་གཟིགས་ཀྱིན་ཞལ་ནས་འགྲེལ་བཤད་བསྐྱོན་རྒྱུ།)
$1Ø སྡེ་ཚན་སོ་སོར་བཀའ་སློབ་སྙིང་གི་ནོར་བུ་ངོས་ཤོག་རེ་རེ་བགོས་འགྲེམས་བྱས་པ་རྣམས་གཅིག་མཚུངས་མིན་པར་སོང་། སྡེ་ཚན་གཉིས་ཀྱི་འཐུས་མི་གཉིས་རེ་ཡིས་བཀའ་སློབ་སྙིང་གི་ནོར་བུའི་ནང་གསལ་མ་མི་སོགས་ཡོད་པ་རྣམས་ཟུར་བཏོན་གྱིས་དགག་སྒྲའི་ཕྲད་ཡིན་མིན་འགྲེལ་བརྗོད་ཁ་གསལ་བྱེད་དུ་བཅུག་རྒྱུ།
རྒྱ་སྐྱེད།
$1Ø སྡེ་ཚན་སོ་སོས་འགྲེལ་བརྗོད་གནང་བར་སྡེ་ཚན་ནང་ཁུལ་དྲི་བ་དྲིས་ལན་གནང་རྒྱུ། ༼སྐར་མ། ༥༽
$1Ø ནང་སྦྱོང་། ཁྱིམ་ཚང་ནང་དུ་མཐོང་ཐོས་མྱོང་གསུམ་དང་འབྲེལ་བའི་དགག་སྒྲའི་ཕྲད་མ་མི་སོགས་ཡོད་པའིི་དཔེར་བརྗོད་ལྔ་རེ་རྒྱུ་མཚན་དང་བཅས་ཁ་གསལ་བྲི་རྒྱུ།
ཁྲིད་ཆས།
༡) ནག་པང་། ༢) གྱང་སྦྱར། ༣) དཔེར་བརྗོད་ཤོག་ལྷེབ། ༤) གློག་ཀླད། ༥)སློབ་དེབ། ༦)བཀའ་སློབ་སྙིང་གི་ནོར་བུ།
གསལ་བཤད། སློབ་འཁྲིད་བྱས་ཚར་བའི་རྗེས་སུ་བོད་དགེ་རྣམས་ལྷན་འཛོམས་བྱས་ཏེ་སློབ་ཚན་འཆར་འགོད་དང་པོ་བསྐྱར་བཅོས་ཀྱིས་སློབ་ཚན་འཆར་འགོད་གཉིས་པ་འདི་བཟོས་པ་དང་། སློབ་ཚན་འཆར་འགོད་ནང་གསལ་ལྟར་སློབ་མ་རྣམས་ཀྱིས་ཉིན་རེའི་བྱ་གཞག་དང་འབྲེལ་བའི་ནང་ལས་བྲིས་པ་རྣམས་དཔེ་མཚོན་ཙམ་བཀོད་པ་འདི་ལྟར། ༡ རྔན་པ་མ༵་ཟ། ༢ སྐད་ཆ་མ༵་བཤད། ༣ ཡར་མ༵་ལངས། ༤ བོད་མི༵་གཅིག ༥ སྣག་ཚ་མི༵་འདུག ༦ གཙང་མ༵་མ༵་བཟོས་ན། ༧ ཨ་མ༵་ལགས། ༨ ཕྱགས་མ༵། ༩ སྐར་མ༵། ༡༠ རིགས་ལམ་མི༵་འདུག། ༡༡ ང་ལ་ལས་འགན་མེ༵ད། ལྟ་བུ། སློབ་མ་རྣམས་ཀྱིས་ཉིན་རེའི་བྱ་གཞག་དང་འབྲེལ་བའི་དཔེར་བརྗོད་ཡག་པོ་བྲིས་འདུག།
བོད་དགེ་བུ་ཕྲུག་ལགས།
བོད་དགེ་སྐལ་ལྡན་ལགས།
བོད་དགེ་ཚེ་རིང་མགོན་པོ་ལགས།
བོད་དགེ་སྲིད་གཅོད་ཚེ་འཕེལ་ལགས།
ཟླ་ཚེས། ༢༠༡༧/༡༠/༡༧ དུས་ཡུན་ཆུ་ཚོད། ༡ ཉིན། ༢ སློབ་ཚན། དགག་སྒྲ། འཛིན་གྲྭ། ༧
སྤྱིར་དམིགས་ཡུལ། སློབ་མ་རྣམས་ཀྱིས་དགག་སྒྲ་ཤེས་པའི་བརྒྱུད་རིམ་ནས་བོད་ཀྱི་སྐད་ཡིག་གི་གནས་ཚད་མཐོར་འདེགས་ཡོང་བར་བྱ་རྒྱུ།
བྱེ་བྲག་དམིགས་ཡུལ།
$1ü སྤྱིར་དགག་སྒྲའི་གོ་དོན་ངོ་འཕྲོད་པ་བྱ་རྒྱུ།
$1ü མ་མི་མིན་མེད་ཕྲད་བཞི་པོ་མིང་གི་ཐོག་མཐའ་བར་གསུམ་དུ་འཇུག་ཚུལ་གསལ་བར་ངོ་འཕྲོད་པར་བྱ་རྒྱུ།
$1ü མ་མི་མིན་མེད་མིང་ཚིག་ལ་འཇུག་པ་ཤེས་པ་བྱ་རྒྱུ།
$1ü དཔེར་བརྗོད་ཀྱི་ཐོག་ནས་དགག་བྱའི་དོན་ངོ་འཕྲོད་པ་བྱ་རྒྱུ།
$1ü སློབ་མ་རེ་རེ་བཞིན་དགག་སྒྲའི་ཕྲད་མ་ནོར་བར་སྦྱོར་ཚུལ་ཤེས་པ་བྱ་རྒྱུ།
རྟོག་ཞིབ། ༼སྐར་མ། ༤༽
$1ü སློབ་མ་རྣམས་ཀྱིས་དགག་སྒྲའི་ཕྲད་སྦྱོར་ཚུལ་ཤེས་མིན་རྟོག་ཞིབ་ཆེད་“ མི་ཡུལ་དུ་སྐྱིད་པོ་མི་འདུག”ཅེས་ནག་པང་སྟེང་དུ་་བྲིས་པའི་མི༵་ཡིག་དགག་སྒྲའི་ཕྲད་ཡིན་མིན་རྒྱུ་མཚན་དང་བཅས་ངོས་འཛིན་བྱེད་དུ་བཅུག་རྒྱུ།
$1ü སློབ་མ་རྣམས་ཀྱིས་དགག་སྒྲའི་གོ་དོན་ཤེས་མིན་རྟོག་ཞིབ་ཆེད་“དགག་སྒྲ་ཟེར་ན་གང་ཡིན་ནམ།”ཞེས་རིག་པ་རབ་འབྲིང་མཐའ་གསུམ་གྱི་སློབ་མ་རྣམས་ལ་དྲི་བ་དྲིས་ཏེ་སློབ་མའི་ཤེས་ཚད་རྒྱུས་ལོན་བྱ་རྒྱུ།
མྱོང་བ།
$1Øཐོག་མར་མངོན་བརྗོད་རྩ་བ་ཀློག་འདོན་བྱ་རྒྱུ།
$1Øསློབ་མ་རྣམས་ལ་དུས་ཡུན་སྐར་མ་གཅིག་རིང་ལུས་ངག་ཡིད་གསུམ་གྱི་བྱེད་མི་རུང་བའི་གནད་དོན་གསུམ་ཐོག་སྒོམ་བསྐྱོན་བཅུག་རྒྱུ། ༼སྐར་མ། ༡༽
$1Øསློབ་ཚན་གྱི་སྔོན་གླེང་དང་སྦྲགས་འཆད་ཁྲིད་གཙོ་བཟུང་ཐོག་དགེ་རྒན་གྱིས་སློབ་འཁྲིད་འགྲེལ་བརྗོད་བྱེད་རྒྱུ་ཡིན།
༼སྐར་མ། ༡༥༽
༡) གོ་དོན། མ་མི་མིན་མེད་བཞི་དགག་བྱའི་ཐོག་མཐའ་གང་རུང་ཞིག་ཏུ་སྦྱར་བའི་མ་ཡིན་སོགས་དོན་དེ་འགོག་པ་ ཞིག་ལ་ཟེར། (ནག་པང་སྟེང་ནས་འགྲེལ་བརྗོད་བྱ་རྒྱུ།) ༢) ཕྲད། མ། མི། མིན། མེད། (ནག་པང་སྟེང་ནས་འགྲེལ་བརྗོད་བྱ་རྒྱུ།) ༣) སྦྱོར་ཚུལ། མ་མི་གཉིས་མིང་གི་ཐོག་མ་དང་མིན་མེད་གཉིས་མིང་གི་མཇུག་ཏུ་སྦྱོར་དགོས་པ་ཡིན། མ་ཡིག་བར་ གྱི་གསལ་བྱེད་ལ་འཇུག་པ་ཡང་ཡོད། (ཤོག་བྱང་སྟེང་ནས་འགྲེལ་བརྗོད་བྱ་རྒྱུ། )
༤) དཔེར་བརྗོད། མ། མ་རེད། མིན། འབྲོག་པ་མིན།
མི། མི་འདུག མེད། དངུལ་མེད། མ། ར་མ་ལུག (ཤོག་བྱང་སྟེང་ནས་འགྲེལ་བརྗོད་བྱ་རྒྱུ། )༥) ལྗོན་དབང་རྩ་བ།
མ་མི་མིན་མེད་དགག་སྒྲ་སྟེ། ། མ་མི་ཐོག་མ་མིན་མེད་མཇུག ། མ་ནི་བར་གྱི་གསལ་བྱེད་ལའང་། ། (སློབ་དེབ་སྟེང་ནས་འགྲེལ་བརྗོད་བྱ་རྒྱུ། )༦) མ་མི་མིང་གི་ཆ་ཤས་ལ་འཇུག་པ། ཨ་མ། རྫ་མ། མི་རིགས། མི་ཡུལ། (སློབ་དེབ་སྟེང་ནས་འགྲེལ་བརྗོད་བྱ་རྒྱུ། )
$1Ø སྡེ་ཚན་ཆ་བགོས་ཀྱིས་གཤམ་གྱི་དུམ་མཚམས་བཀླགས་ནས་དགག་སྒྲའི་ཕྲད་དང་མིང་ཚིག་སོ་སོར་ངོས་བཟུང་སྟེ་དོན་གང་ཞིག་བཀག་མིན་གྲོས་བསྡུར་གྱིས་འགྲེལ་བརྗོད་བྱེད་བཅུག་རྒྱུ་ཡིན།
༼སྐར་མ། ༣༥༽
༡༽ དུམ་མཚམས།
ཨ་མ༵་ལགས་ལ་དངུལ་མང་པོ་མེ༵ད་ཙང་ཚོང་པ་མི༵་དེའི་སར་རྫ་མ༵་བཟོ་ཡ་སོགས་ཕྱག་ལས་གནང་དུ་མི༵་ཕེབས་ཐབས་མེ༵ད་རེད།ཁོང་གིས་ཉིན་མཚན་མེ༵ད་པར་ཤི་མ༵་གསོན་གྱི་སྐུ་ལས་བསྐྱོན་ཀྱང་སྡུག་ཡུས་ནམ་ཡང་གསུངས་མ༵་མྱོང་།བྱས་ཙང་སློབ་ཕྲུག་ང་ཚོས་ཨ་མ༵ས་སྐུ་ལས་བསྐྱོན་པ་རྣམས་ནམ་ཡང་ཆུད་ཟོས་སུ་གཏོང་གི་མི༵ན་བསམས་པའི་ཐོག་ནས་སློབ་ལ་འབད་བརྩོན་བྱེད་གལ་ཤིན་ཏུ་ཆེའོ།
༢༽ བཀའ་སློབ་སྙིང་གི་ནོར་བུ།
$1Ø སྡེ་ཚན་ཆ་བགོས་ཀྱིས་གོང་གསལ་དུམ་མཚམས་དང་བཀའ་སློབ་སྙིང་གི་ནོར་བུ་བཅས་ཀྱི་ནང་གསལ་མ་མི་སོགས་དགག་སྒྲའི་ཕྲད་ཡིན་མིན་སྐོར་གོ་བསྡུར་བྱེད་དུ་བཅུག་རྒྱུ་དང་། སྡེ་ཚན་སོ་སོས་དུམ་མཚམས་ནང་གསལ་མ་མི་སོགས་དགག་སྒྲའི་ཕྲད་ཡིན་མིན་རྣམས་ནག་པང་སྟེང་དུ་བྲིས་ནས་རྒྱུ་མཚན་དང་བཅས་འགྲེལ་བརྗོད་བྱེད་དུ་བཅུག་རྒྱུ།
རྒྱ་སྐྱེད།
$1Ø སྡེ་ཚན་སོ་སོས་འགྲེལ་བརྗོད་གནང་བར་སྡེ་ཚན་ནང་ཁུལ་དྲི་བ་དྲིས་ལན་གནང་རྒྱུ། ༼སྐར་མ། ༥༽
$1Ø ནང་སྦྱོང་། ཁྱིམ་ཚང་ནང་དུ་མཐོང་ཐོས་མྱོང་གསུམ་དང་འབྲེལ་བའི་དགག་སྒྲའི་ཕྲད་མ་མི་སོགས་ཡོད་པའིི་དཔེར་བརྗོད་ལྔ་རེ་རྒྱུ་མཚན་དང་བཅས་ཁ་གསལ་བྲི་རྒྱུ།
ཁྲིད་ཆས།
༡) ནག་པང་། ༢) གྱང་སྦྱར། ༣) དཔེར་བརྗོད་དུམ་མཚམས་ཅན་གྱི་ཤོག་ལྷེབ། ༤) གློག་ཀླད། ༥)སློབ་དེབ། ༦)བཀའ་སློབ་སྙིང་གི་ནོར་བུ།
$1Øལེགས་ཆ།
༡། སློབ་འཁྲིད་ཐོག་མར་སྒོམ་བསྐྱོན་བཅུག་པ་དེ་ཧ་ཅང་གི་ལེགས། སློབ་ཚན་གང་འདྲ་ཞིག་ཡིན་རུང་སྐར་མ་ ༥ ཙམ་ཡ་རབས་བཟང་སྤྱོད་སྐོར་སློབ་གསོ་སོགས་ཀྱི་ལས་རིམ་སྤེལ་རྒྱུའི་གྲོས་ཆོད་བྱུང་དོན་ལྟར་དང་། ཆོས་ལུགས་ལ་མ་བརྟེན་པའི་ཡ་རབས་བཟང་སྤྱོད་ལ་སྐུལ་བའི་དཔེ་མཚོན་བཅུའི་ནང་ཚན་སྤྱོད་བཟང་གི་དྲན་ཤེས་དང་དྲན་པ་ཉེར་བཞག་ལ་ཕན་ཞིང། སྒོམ་བྱའི་དོན་དང་བསླབ་བྱའི་སློབ་ཚན་དབར་འབྲེལ་བ་དམ་ཟབ་ཡོད་པ་བཅས་སོ། ༢། འཁྲིེད་ཆས་མང་པོ་ཡོད་པ་དེ་དག་སློབ་འཁྲིད་གཞོགས་འདེགས་ཡོང་བར་སྨན་པ་ཤ་སྟག་ཡིན། དཔེར་ན་དཔེར་བརྗོད་དུམ་མཚམས་ཅན་གྱི་ཤོག་ལྷེབ་ལྟར་ཕ་མར་བཀའ་དྲིན་བསམ་ཤེས་དང་བཀའ་སློབ་སྙིང་གི་ནོར་བུ་བཀླགས་ཏེ་སྐད་ཡིག་ཡར་རྒྱས་ཙམ་དུ་མ་ཟད་པའི་ཡ་རབས་བཟང་སྤྱོད་ཡག་ཏུ་འགྲོ་བ་སོགས་ལ་ཕན་ཐོགས་ཆེ། ཤོག་བྱང་བེད་སྤྱོད་བྱས་པས་དུས་ཚོད་བསྲི་ཚགས་བྱེད་ཐུབ་པའི་ཕན་ཐོགས་ཆེ། ༣། འཁྲིད་ཐབས་ལེགས་པ། སྡེ་ཚན་སོ་སོ་གོ་སྡུར་གྱིས་ནག་པང་སྟེང་ནས་འགྲེལ་བརྗོད་བྱེད་སྐབས་སློབ་ཕྲུག་རྣམས་ཉོབ་སྣང་མེད་པ། ༤། ནང་ལས་འབུལ་སྟངས་ལེགས་པ། ཉིན་རེའི་བྱ་གཞག་དང་ཟུང་འབྲེལ་ཐུབ་པ།
$1Ø ཞན་ཆ། སྡེ་ཚན་ཆ་བགོས་ཀྱིས་གྲོས་སྡུར་བྱ་རྒྱུ་དང་འགྲེལ་བརྗོད་སོགས་ཀྱི་བྱེད་སྒོ་མང་བའི་རྐྱེན་གྱིས་དུས་ཚོད་ཏོག་ཙམ་མ་འདངས་པ།
$1· གསལ་བཤད། སློབ་ཚན་མ་འཁྲིད་སྔོན་དུ་གཤམ་གསལ་བོད་དགེ་ལྷན་འཛོམས་ཀྱིས་སློབ་ཚན་འཆར་འགོད་དང་པོ་བཟོས་ཤིང། སློབ་འཁྲིད་བྱས་ཚར་རྗེས་བསྐྱར་དུ་བོད་དགེ་ལྷན་འཛོམས་ཀྱིས་སློབ་ཚན་འཆར་འགོད་ཏོག་ཙམ་བཟོ་བཅོས་ཀྱིས་སློབ་ཚན་འཆར་འགོད་གཉིས་པ་བཟོས་པ་ལགས་སོ།
བོད་དགེ་བུ་ཕྲུག་ལགས།
བོད་དགེ་སྐལ་ལྡན་ལགས།
བོད་དགེ་ཚེ་རིང་མགོན་པོ་ལགས།
བོད་དགེ་སྲིད་གཅོད་ཚེ་འཕེལ།
འབྱུང་ཁུངས།
དམིགས་ཡུལ།ཤེས་བྱ་རྣམས་ཀྱི་བརྗོད་བྱ་གཏན་ལ་ཕབ་པའི་ཐབས་ལམ་གཙོ་བོ་ནི་སྐད་ཡིག་ལ་བརྟེན་ནས་ཤེས་ཐུབ།སྐད་ཡིག་གང་འདྲ་ཡིན་རུང་སྐད་ཡིག་དེ་ལ་བརྟེན་པའི་ཤེས་བྱ་གང་ཞིག་གི་བརྗོད་བྱ་གང་མཚམས་ཤིག་རྟོགས་ཐུབ་པ་ཡིན།བྱེ་བྲག་ཏུ་སྐད་ཡིག་སོ་སོ་ལ་བརྟེན་ནས་རང་ཉིད་འཚོ་ཐུབ་རྒྱུར་གཞི་རིམ་གྱི་མངོན་འདོད་བསྐྲུན་ཐུབ།ཤེས་བྱ་ཐམས་ཅད་ཀློང་གཅིག་ཏུ་བསྡུས་པའི་དགོས་པ་མཐར་ཐུག་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཐུབ་པ་ནི་སྐད་ཡིག་ལ་བརྟེན་དགོས་པ་ཉག་གཅིག་ཡིན།
ཕབ་ལེན། འབྱུང་ཁུངས།
དམིགས་ཡུལ།སློབ་ཚན་འདི་སློབ་ཁྲིད་བྱས་པ་བརྒྱུད་སློབ་ཕྲུག་ཚོའི་སྒོ་གསུམ་གྱི་སྤྱོད་པ་ཚུལ་དང་ལྡན་པ་ཞིག་གི་སྒོ་ནས་བསླབ་པ་སློབ་གཉེར་དོན་དུ་གཉེར་མཁན་ཞིག་ཡོང་ཐབས་སུའོ།
ཕབ་ལེན། ས་སྐྱ་ལེགས་བཤད་དང་པོ།
དབྱིབས། ༼ སྙོམས་ངོས་དབྱིབས ༽
དམིགས་ཡུལ།༡༽ སྙོམས་ངོས་དབྱིབས་ཀྱི་གོ་དོན་ཤེས་པ་བཟོ་རྒྱུ།༢༽ སྙོམས་ངོས་དབྱིབས་སམ་ལེབ་ངོས་དབྱིབས་ནང་ནས་ ཟུར་གསུམ་མ། གྲུ་བཞི་ཁ་གང་མ།གྲུ་བཞི་ནར་མོ། སྒོར་དབྱིབས་བཅས་ཀྱི་མིང་དབྱིན་བོད་གཉིས་ཀའི་ཐོག་ཤེས་པ་བཟོ་རྒྱུ་དང་ཆབས་ཅིག་དབྱིབས་ངོས་འཛིན་བྱ་ཐུབ་པ་བཟོ་རྒྱུ་ཡིན།
ཕབ་ལེན། དབྱིབས། ༼ སྙོམས་ངོས་དབྱིབས ༽
བསླབ་གཞི་འཆར་འགོད་དཔེ་མཚོན།
དམིགས་ཡུལ། བསླབ་གཞི་འཆར་འགོད་ནི་སློབ་ཁྲིད་ཐབས་ལམ་གྱི་ཆ་ཤས་གལ་གནད་ཆེ་བ་ཞིག་ཡིན། བསླབ་གཞི་འཆར་འགོད་ཡག་པོ་འགོོད་ཐུབ་ན། བསླབ་བྱའི་དམིགས་ཚད་དེ་གསལ་པོ་ཤེས་ཐུབ་ཀྱི་རེད། དེ་ལ་བརྟེན་ནས་སློབ་ཁྲིད་ཐབས་ལམ་བཟང་པོ་ལག་བསྟར་བྱེད་ཐུབ་ཀྱི་ཡོད། བསླབ་གཞི་འཆར་འགོད་ཀྱི་བསླབ་བྱའི་དམིགས་ཚད་དང། སློབ་ཁྲིད་ཐབས་ལམ་བཟང་པོ་བྱུང་ན། དེའི་བསླབས་འབྲས་ཀྱང་གང་འཚམ་བཟང་པོ་ཡོང་ངེས་ཡིན། བོད་དགེ་ལྷན་ཚོགས་སྐབས་བོད་དགེ་རྣམས་རུ་ཁག་གཉིས་སུ་ཕྱེ་བའི་རུ་ཁག་གཅིག་ནས་ལོ་རིམ་དང་པོ་ནས་ལྔ་པ་བར་གྱི་སློབ་ཚན་གང་རུང་ཞིག་ལ་མཉམ་རུབ་ཀྱིས་བསླབ་གཞི་འཆར་འགོད་བཟོས་པ་དང།
ཕབ་ལེན། བསླབ་གཞི་འཆར་འགོད་དཔེ་མཚོན།
བསླབ་གཞི་འཆར་འགོད་དཔེ་མཚོན།
དམིགས་ཡུལ།བསླབ་གཞི་འཆར་འགོད་ནི་སློབ་ཁྲིད་ཐབས་ལམ་གྱི་ཆ་ཤས་གལ་གནད་ཆེ་བ་ཞིག་ཡིན། བསླབ་གཞི་འཆར་འགོད་ཡག་པོ་འགོོད་ཐུབ་ན། བསླབ་བྱའི་ དམིགས་ཚད་དེ་གསལ་པོ་ཤེས་ཐུབ་ཀྱི་རེད། དེ་ལ་བརྟེན་ནས་སློབ་ཁྲིད་ཐབས་ལམ་བཟང་པོ་ལག་བསྟར་བྱེད་ཐུབ་ཀྱི་ཡོད། བསླབ་གཞི་འཆར་འགོད་ཀྱི་བསླབ་བྱའི་དམིགས་ཚད་དང། སློབ་ཁྲིད་ཐབས་ལམ་བཟང་པོ་བྱུང་ན། དེའི་བསླབས་འབྲས་ཀྱང་གང་འཚམ་བཟང་པོ་ཡོང་ངེས་ཡིན། བོད་དགེ་ལྷན་ཚོགས་སྐབས་བོད་དགེ་རྣམས་རུ་ཁག་གཉིས་སུ་ཕྱེ་བའི་རུ་ཁག་གཅིག་ནས་ལོ་རིམ་དང་པོ་ནས་ལྔ་པ་བར་གྱི་སློབ་ཚན་གང་རུང་ཞིག་ལ་མཉམ་རུབ་ཀྱིས་བསླབ་གཞི་འཆར་འགོད་བཟོས་པ་དང།

དམིགས་ཡུལ། བསླབ་གཞི་འཆར་འགོད་ནི་སློབ་ཁྲིད་ཐབས་ལམ་གྱི་ཆ་ཤས་གལ་གནད་ཆེ་བ་ཞིག་ཡིན། བསླབ་གཞི་འཆར་འགོད་ཡག་པོ་འགོོད་ཐུབ་ན། བསླབ་བྱའི་དམིགས་ཚད་དེ་གསལ་པོ་ཤེས་ཐུབ་ཀྱི་རེད། དེ་ལ་བརྟེན་ནས་སློབ་ཁྲིད་ཐབས་ལམ་བཟང་པོ་ལག་བསྟར་བྱེད་ཐུབ་ཀྱི་ཡོད། བསླབ་གཞི་འཆར་འགོད་ཀྱི་\བསླབ་བྱའི་དམིགས་ཚད་དང། སློབ་ཁྲིད་ཐབས་ལམ་བཟང་པོ་བྱུང་ན། དེའི་བསླབས་འབྲས་ཀྱང་གང་འཚམ་བཟང་པོ་ཡོང་ངེས་ཡིན། བོད་དགེ་ལྷན་ཚོགས་སྐབས་བོད་དགེ་རྣམས་རུ་ཁག་གཉིས་སུ་ཕྱེ་བའི་རུ་ཁག་གཅིག་ནས་ལོ་རིམ་དང་པོ་ནས་ལྔ་པ་བར་གྱི་སློབ་ཚན་གང་རུང་ཞིག་ལ་མཉམ་རུབ་ཀྱིས་བསླབ་གཞི་འཆར་འགོད་བཟོས་པ་དང།
ཕབ་ལེན། བསླབ་གཞི་འཆར་འགོད་དཔེ་མཚོན།
བསླབ་གཞི་འཆར་འགོད་དཔེ་མཚོན།
དམིགས་ཡུལ། བསླབ་གཞི་འཆར་འགོད་ནི་སློབ་ཁྲིད་ཐབས་ལམ་གྱི་ཆ་ཤས་གལ་གནད་ཆེ་བ་ཞིག་ཡིན། བསླབ་གཞི་འཆར་འགོད་ཡག་པོ་འགོོད་ཐུབ་ན། བསླབ་བྱའི་དམིགས་ཚད་དེ་གསལ་པོ་ཤེས་ཐུབ་ཀྱི་རེད། དེ་ལ་བརྟེན་ནས་སློབ་ཁྲིད་ཐབས་ལམ་བཟང་པོ་ལག་བསྟར་བྱེད་ཐུབ་ཀྱི་ཡོད། བསླབ་གཞི་འཆར་འགོད་ཀྱི་བསླབ་བྱའི་དམིགས་ཚད་དང། སློབ་ཁྲིད་ཐབས་ལམ་བཟང་པོ་བྱུང་ན། དེའི་བསླབས་འབྲས་ཀྱང་གང་འཚམ་བཟང་པོ་ཡོང་ངེས་ཡིན། བོད་དགེ་ལྷན་ཚོགས་སྐབས་བོད་དགེ་རྣམས་རུ་ཁག་གཉིས་སུ་ཕྱེ་བའི་རུ་ཁག་གཅིག་ནས་ལོ་རིམ་དང་པོ་ནས་ལྔ་པ་བར་གྱི་སློབ་ཚན་གང་རུང་ཞིག་ལ་མཉམ་རུབ་ཀྱིས་བསླབ་གཞི་འཆར་འགོད་བཟོས་པ་དང།
ཕབ་ལེན། བསླབ་གཞི་འཆར་འགོད་དཔེ་མཚོན།
ཁྱི་གཉིས་ཀྱི་སྒྲུང་།
དམིགས་ཡུལ།སྐད་ཡིག་གི་རྩལ་བཞི་གོང་འཕེལ་གཙོ་བཟུང་ཐོག་སྐབས་བབ་སྒྲུང་གི་བསླབ་བྱ་ངེས་རྒྱུ་དང་། འོག་གི་ཚིག་དེ་དག་གི་མིང་མང་དོན་གཅིག་ལ་འཇུག་པ་ཤེས་རྒྱུར་དམིགས། ༼སྔོན། ལེ་ལོ། བརྩོན་འགྲུས། ཤེས། སླེབ།༽
ཕབ་ལེན། ཁྱི་གཉིས་ཀྱི་སྒྲུང་།
དམིགས་ཡུལ།བོད་ཀྱི་སྐད་ཡིག་གི་ཆ་ཤས་གལ་འགངས་ཆེ་ཤོས་ཤིག་ནི་ཡིག་གཟུགས་ཡིན་སྟབས། དེ་ཡར་རྒྱས་གཏོང་བའི་ཐབས་ལམ་སྣ་ཚོགས་བསྐྲུན་རྒྱུ།ཡིག་གཟུགས་ཀྱི་རྣམ་གྲངས་ངོ་སྤྲོད་ངོ་སྤྲོད་དང་། ཡང་སྒོས་འཁྱུག་གི་འབྲི་སྟངས་ཀྱི་གོ་རྟོགས་གོང་མཐོར་གཏོང་ཕྱིར་ཡིན།
ཕབ་ལེན། ༢༠༡༤ ལོའི་སེ་ལ་ཀུའི་བོད་ཁྱིམ་འཛིན་གྲྭ་དགུ་པའི་བོད་ཡིག་སློབ་ཚན་འཆར་འགོད།
དམིགས་ཡུལ།བཤེས་པའི་སྤྲིང་ཡིག་གི་ཚིགས་བཅད་རྣམས་ཀྱི་དོན་རྟོགས་ཕྱིར་ཡིན།བཤེས་པའི་སྤྲིང་ཡིག་ལས་འགྲེལ་བ་མཛད་པ་པོའི་མཆོད་བརྗོད་དང་། རྩོམ་པར་དམ་བཅའ་བའི་ཚིགས་བཅད་ཀྱི་ནང་དོན་དང་བཤེས་པའི་སྤྲིང་ཡིག་ཅེས་འབོད་དགོས་པའི་རྒྱུ་རྐྱེན་ཤེས་ཕྱིར།
ཕབ་ལེན། ༢༠༡༤ ལོའི་སེ་ལ་ཀུའི་བོད་ཁྱིམ་འཛིན་གྲྭ་བཅུ་པའི་བོད་ཡིག་སློབ་ཚན་འཆར་འགོད།
- 1
- 2
- 3